当前位置首页 > 其他范文> 正文

今日简史:人类命运大议题 读后感4500字

今日简史:人类命运大议题

作者:尤瓦尔·赫拉利

“简史三部曲”收官之作《今日简史》推出,将目光聚焦到当下,直面今天关乎我们每个人命运的问题和挑战。尤瓦尔·赫拉利认为,智人之所以能够崛起成为地球的主宰者,主要原因在于其具备了虚构故事的能力。然而,在当前这样一个分化的世界,我们对旧故事已失去信心,对新故事亦远未达成共识。

今日简史:人类命运大议题 读后感 第(1)篇

སློབ་དུས་གོང་མར་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་ཞེས་པ་དེ་人类简史བཀླགས་པས།མའི་རིགས་ཀྱི་ལོ་རྒྱུས་འདོར་བསྡུས་ཞེས་པ་དེར་རྩོམ་པ་པོས་མའི་རིགས་ཀྱི་ལོ་རྒྱུས་དེ་མི་ལོ་ཁྲི་བཅུ་ཡི་གོང་གི་ཆེས་སྤྱིར་བཏང་གི་སྲོག་ཆགས་ཤིག་གིས་གསར་བརྗེ་གསུམ་ལ་བསྟེན་ནས་食物链ཟས་འཁོར་ཀྱི་ཐགས་པའི་ཆེས་མཐོ་ས་ཞིག་བཟུང་ནས་རྒྱལ་པོའམ་ལྷ་ལྟ་བུ་ཞིག་ཏུ་འགྱུར།

མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་ཞེས་པ་དེ་ནི་གནའ་བའི་སྤྲེའུ་རྣམས་དེ་རིང་གི་མི་ལ་འགྱུར་བའི་ལོ་རྒྱུས་ཁོ་ན་ཙམ་མ་ཡིན་པར་རྩོམ་པ་པོས་དེབ་འདིའི་ནང་དངོས་ཁམས་་་རྗས་འགྱུར་་་སྐྱེས་དངོས་་་་ཆབ་སྲིད་་་རིག་གནས་་་དཔལ་འབྱོར་་་་ཆོས་ལུགས་སོགས་ཕྱོགས་མང་པོའི་ཐད་ནས་བརྟག་དཔྱད་དང་མ་འོངས་པའི་གནས་ཚུལ་ལ་ཚོད་དཔག་ལྟ་བུ་ཞིག་བྱས་ནས་ཚན་རིགས་དང་འབྲེལ་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཡོད།

དེ་ལྟ་བུའི་ཚན་རིགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཆེན་པོ་ཡོད་པའི་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་དེར་ལོ་ཁྲི་བཅུ་ཡི་གོང་ནས་དེ་རིང་དུས་རབས་ཉེར་གཅིག་བར་ཀྱི་སྐོར་བརྗོད་དེ་མ་འོངས་པར་རྒྱང་ལྟ་བྱས་ནས་མའི་རིགས་ཀྱི་ཆེས་མཐའ་མའི་མཇུག་འབྲས་ལ་མནོ་བསམ་བྱས་པའི་དཔེ་དེབ་གཅིག་རེད་འདུག་ལ་དཔེ་དེབ་དེ་ལས་ང་ཚོར་མིའི་རིགས་དང་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་པ་ལོན་པ་བྱ་ཕྱིར་སྔར་ང་ཚོས་དོ་སྣང་ཅི་ཡང་བྱ་མ་མྱོང་བའི་གནད་དོན་ལ་ངེས་ཤེས་སམ་ལྟ་སྟངས་གསར་པ་དུ་མ་བྱུང་ལ་དྲི་བ་ཡང་མང་པོ་ཞིག་སྟོན་འདུག

དཔེ་ཆ་བཞག་ན།སྔར་ང་ཚོའི་མེས་པོ་གོང་མ་ནི་ཞིང་ལས་གསར་བརྗེའི་སྔོན་ལ་འཚོལ་བསྡུ་采集བྱས་ནས་འཚོ་བ་བསྐྱལ་གྱི་ཡོད།

དོན་དངོས་ཐོགས་འཚོ་བ་བསྐྱལ་སྟངས་དེ་ནི་འབྱོར་ཕྱུག་དང་ལྡན་པ་ཞིག་རེད།ང་ཚོའི་མེས་པོའི་འཚོ་བ་ནི་ང་ཚོ་ལས་བདེ་སྐྱིད་ལྡན་པ་ཞིག་རེད།ཞིང་ལས་གསར་བརྗེའི་གཡོ་རྒྱུའི་འོག་ཚུད་ནས་ང་ཚོར་དཀའ་ངལ་ཇི་མང་ནས་ཇི་མང་དུ་ཕྱིན་འདུག།ང་ཚོའི་བསམ་པར་ང་ཚོས་ས་ཞིང་ལ་དབང་བསྒྱུར་བ་སྙམ་ཀྱང་དོན་དངོས་ཐོག་ས་ཞིང་དེ་དག་གིས་ང་ཚོར་དབང་འགྱུར་བ་རེད།

དེ་རེང་གི་དུས་སུ་དངོས་པའི་དཔལ་ཡོལ་ཡག་ཏུ་ཕྱིན་ནས་ཕྱོགས་གང་ཅའི་ཐད་ནས་ཡག་ཏུ་ཕྱིན་དུ་སྙམ་ཡང་དོན་དངོས་ཐོག་སྡུག་བསྔལ་ནི་ཇི་མང་ནས་ཇི་མང་རང་རེད།

ཚན་རིག་གསར་བརྗེའི་རྗེས་ཚན་རིགས་མཁས་ཅན་མང་པོ་ཞིག་གིས་མིའི་གཟུགས་པོར་འགྱུར་བ་གཏོང་ཐུབ་པ་མ་ཟད་སེམས་ཁམས་ལ་འགྱུར་བ་མང་པོ་ཞིག་གཏོང་གི་ཡོད་པས་མིའི་ངོ་བོ་ངོ་མ་དེ་ལ་འགྱུར་བ་འགྲོ་བཞིན་ཡོད་ཐ་ཚན་ཉིད་ལའང་འགྱུར་བ་འགྲོ་མུས་ཡིན།

དེ་རིང་གི་མི་མང་པོ་ཞིག་གི་སྤྲོ་སྣང་ནི་ཇི་ཆུང་ཇི་ཆུང་རེད།

1ལོ་ཁྲི་7་གོང་གི་ཤེས་རྟོགས་ཀྱི་གསར་བརྗེའི་ནང་འཇོན་མི་ཕན་ཚུན་མཉམ་ལས་བྱེད་ཐུབ་པ་དང་ཁོང་ཚོས་མེ་བེད་སྤྱོད་བྱེད་ཐུབ་ད་དུང་ཕན་ཚུན་གོ་བརྡ་སྤྲོད་ཐུབ་པའི་སྐད་ཆ་སོགས་ལས་སྲོག་ཆགས་གཞན་ལས་རྣམ་པར་རྒྱལ་ཐུབ་བྱུང་།ལྷག་པར་དུ་ཆོས་ལུགས་ཀྱི་འདུ་ཤེས་སོགས་བྱུང་ནས་དེ་ལ་ཡིད་ཆེས་སམ་དད་པ་བྱས་ནས་མཉམ་ལས་བྱེད་མགོ་ཚུགས།

ད་ཐེངས་དེང་རབས་ཀྱི་ལོ་རྒྱུས་མདོར་སྡུས་今日简史ཞེས་དེ་བཀླགས་རྗེས་གོང་གི་གནད་དོན་དུ་མ་ཞིག་ལ་དྲི་ལན་གསལ་པོ་ཞིག་རྒྱབ་འདུག་ལ་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་དང་ཁ་ཕྱོགས་གསལ་པོ་སྟོན་འདུག་པས་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་བདེ་སྐྱིད་ཟེར་བ་དེ་དང་རྒྱང་ཐག་ཇི་ཉེ་ཡོང་བ་བྱེད་དགོས།ངེས་པར་དུ་ལུས་སེམས་མཉམ་བཅོས་བྱེད་དགོས་ལ་རང་སེམས་རང་གིས་བཅུན་དགོས།དེ་ལྟ་བུ་ཞིག་བྱེད་པར་དཔེ་དེབ་དང་མཚན་ཉིད་ཡང་ན་དཔལ་འབྱོར་རམ་ཆབ་སྲིད།ཆོས་ལུགས།ལྟ་བུའི་སྒྲུང་ཁོ་ན་ལ་མ་བསྟན་པར་རང་ཉིད་དོན་ངོ་མའི་བྱ་སྤྱོད་ནང་བཞུག་ཏེ་ལག་ལེན་བྱེད་དགོས།དཔེར་ན།ཏིང་འཛིན་གྱི་ཐབས་ལ་བསྟེན་ནས་སེམས་ལ་ཉམས་གསོ་བྱེད་དགོས་པ་ལས་ཟེར་སྒྲོས་དང་ཁ་རྒྱུན་ཁོ་ན་ཙམ་མ་ཡིན་པ་བྱེད་དགོས་པའི་གལ་ཆེའི་རང་བཞིན་ཁ་གསལ་པོར་བརྗོད་འདུག།

本文由 文言宝 整理,转载请保留链接: https://www.wenyanbao.com/html/20221222/873.html

猜你喜欢